Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽

Toh 1-1Folio 209Volume 1
Vol. 1F. 209aUT4CZ5369-I1KG9127-0000/side/417
པས་ཡོ་བྱད་ཅན་དེ་དག་གིས་གསོལ་བ་བྱས་ཏེ་གསོ་སྦྱོང་བྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པར་བྱེད་པ་ལས། དེའི་འོག་ཏུ་དགེ་སློང་གློ་བུར་དུ་འོངས་པ་ཆེས་མང་པོ་དག་ལྷགས་ན། དེ་དག་གིས་ཡང་གསོལ་བ་བྱས་ཏེ་གསོ་སྦྱོང་བྱ་ཞིང་སོ་ སོར་ཐར་པའི་མདོ་གདོན་པ་གདོན་པར་བྱ་སྟེ། དགེ་སློང་སྔ་མ་དག་ལ་ནི་རྟོག་པའི་ཉེར་བསྡོགས་ལས་འགལ་ཚབས་ཅན་དུ་འགྱུར་རོ། །འདི་ལྟ་སྟེ་གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་དགེ་སློང་གཉུག་མར་གནས་པ་བཞིའམ་ལྷག་པ་དག་འདུག་ཅིང་མཐུན་པར་གྱུར་པ་ན། དེ་དག་གིས་དེ་ན་གློ་བུར་དུ་འོངས་པའི་རྣམ་པ་དང་། གློ་བུར་དུ་འོངས་པའི་རྟགས་དང་། གློ་བུར་དུ་འོངས་པའི་མཚན་མ་འདི་ལྟ་སྟེ། དགེ་སློང་གློ་བུར་དུ་འོངས་པ་དག་གི་ཁར་བའི་སྒྲ་དང་། རྟིང་སྒྲ་དང་། སྐད་སེལ་བའི་སྒྲ་དང་། གཏང་རག་དག་ཐོས་ན་དེ་དག་འདི་ སྙམ་དུ་སེམས་ཏེ། དགེ་སློང་གང་དག་མ་ལྷགས་པ་དག་ཡོད་ན། དགེ་སློང་གང་དག་མ་ལྷགས་པ་དེ་དག་མེད་པར་བདག་ཅག་གིས་གསོལ་བ་བྱས་ཏེ་གསོ་སྦྱོང་བྱ་ཞིང་། སོ་སོར་ཐར་པའི་མདོ་གདོན་པ་གདོན་དུ་མི་རུང་ངོ་སྙམ་ནས། དེ་དག་གིས་དེ་དག་ལྷག་པའི་ བསམ་པས་བཙལ་ཏེ་མ་རྙེད་ནས། དེ་དག་གིས་གསོལ་བ་བྱས་ཏེ་གསོ་སྦྱོང་བྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པར་བྱེད་པ་ལས། དེའི་འོག་ཏུ་དགེ་སློང་གློ་བུར་དུ་འོངས་པ་ཆེས་མང་པོ་དག་ལྷགས་ན། དེ་དག་གིས་ཡང་གསོལ་བ་བྱས་ཏེ་གསོ་སྦྱོང་བྱ་ཞིང་སོ་སོར་ཐར་ པས་མདོ་གདོན་པ་གདོན་པར་བྱ་སྟེ། དགེ་སློང་སྔ་མ་དག་ལ་ནི་འགལ་ཚབས་ཅན་དུ་མི་འགྱུར་རོ། །འདི་ལྟ་སྟེ་གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་དགེ་སློང་གཉུག་མར་གནས་པ་བཞིའམ་ལྷག་པ་དག་འདུག་ཅིང་མཐུན་པར་གྱུར་པ་ན། དེ་དག་གིས་དེ་ན་གློ་བུར་དུ་འོངས་པའི་རྣམ་པ་ དང་། གློ་བུར་དུ་འོངས་པའི་རྟགས་དང་། གློ་བུར་དུ་འོངས་པའི་མཚན་མ་འདི་ལྟ་སྟེ། དགེ་སློང་གློ་བུར་དུ་འོངས་པ་དག་གི་ཁར་བའི་སྒྲ་དང་། རྟིང་སྒྲ་དང་། སྐད་སེལ་བའི་སྒྲ་དང་། གཏང་རག་དག་ཐོས་ན་དེ་དག་འདི་སྙམ་དུ་སེམས་ཏེ། དགེ་སློང་གང་དག་མ་ལྷགས་པ་དག་ཡོད་
Vol. 1F. 209bUT4CZ5369-I1KG9127-0000/side/418
ན། དགེ་སློང་གང་དག་མ་ལྷགས་པ་དེ་དག་མེད་པར་བདག་ཅག་གིས་གསོལ་བ་བྱས་ཏེ་གསོ་སྦྱོང་བྱ་ཞིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་དུ་མི་རུང་ངོ་སྙམ་ནས། དེ་དག་གིས་དེ་དག་ལྷག་པའི་བསམ་པས་བཙལ་ཏེ་རྙེད་ན། དེ་དག་གིས་དེ་དག་དང་ལྷན་ཅིག་འཁོད་ དེ་གསོལ་བ་བྱས་ནས་གསོ་སྦྱོང་བྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པར་བྱེད་ན། དགེ་སློང་སྔ་མ་དག་ལ་འགལ་ཚབས་ཅན་དུ་མི་འགྱུར་རོ། །འདི་ལྟ་སྟེ་གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་དགེ་སློང་གློ་བུར་དུ་འོངས་པ་བཞིའམ་ལྷག་པ་དག་འདུག་ཅིང་མཐུན་པར་གྱུར་ པ་ན། དེ་དག་གིས་དེ་ན་གཉུག་མར་གནས་པའི་རྣམ་པ་དང་། གཉུག་མར་གནས་པའི་རྟགས་དང་། གཉུག་མར་གནས་པའི་མཚན་མ་འདི་ལྟ་སྟེ། གཙུག་ལག་ཁང་ཆག་ཆག་བཏབ་པ་དང་། ཕྱག་དར་བྱས་པ་དང་། ལྕི་བ་སར་པའི་བྱུག་པས་བྱུགས་པ་དང་། གནས་ མལ་བཤམས་པ་དང་། འབྲུ་མར་གྱི་མར་མེ་བུས་པ་དག་མཐོང་ན་དེ་དག་འདི་སྙམ་དུ་སེམས་ཏེ། དགེ་སློང་གང་དག་མ་ལྷགས་པ་དག་ཡོད་ན། དགེ་སློང་གང་དག་མ་ལྷགས་པ་དེ་དག་མེད་ཀྱང་རུང་། དེ་ཉིད་དུ་འདུག་ཀྱང་རུང་། སོ་སོར་གྱུར་ཀྱང་རུང་། ཐག་རིང་པོར་གྱུར་ཀྱང་རུང་སྙམ་ ནས། དབྱེན་གྱིས་དོན་དུ་གཉེར་བ་དབྱེན་གྱི་ཡོ་བྱད་ཅན་དེ་དག་གིས་གསོལ་བ་བྱས་ཏེ་གསོ་སྦྱོང་བྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པར་བྱེད་པ་ལས། དེའི་འོག་ཏུ་དགེ་སློང་གློ་བུར་དུ་འོངས་པ་ཆེས་ཉུང་བ་དག་ལྷགས་ན། དེ་དག་གིས་ཡང་གསོལ་བ་བྱས་ཏེ་གསོ་སྦྱོང་བྱེད་ཅིང་སོ་ སོར་ཐར་པའི་མདོ་གདོན་པ་གདོན་པར་བྱ་སྟེ། དགེ་སློང་སྔ་མ་དག་ལ་ནི་དབྱེན་གྱི་ཉེར་བསྡོགས་ལས་ཉེས་པ་སྦོམ་པོར་འགྱུར་རོ། །འདི་ལྟ་སྟེ་གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་དགེ་སློང་གློ་བུར་དུ་འོངས་པ་བཞིའམ་ལྷག་པ་དག་འདུག་ཅིང་མཐུན་པར་གྱུར་པ་ན། དེ་དག་གིས་དེ་ན་གཉུག་ མར་གནས་པའི་རྣམ་པ་དང་། གཉུག་མར་གནས་པའི་རྟགས་དང་། གཉུག་མར་གནས་པའི་མཚན་མ་འདི་ལྟ་སྟེ། གཙུག་ལག་ཁང་ཆག་ཆག་བཏབ་པ་དང་། ཕྱག་དར་བྱས་པ་དང་། ལྕི་བ་སར་པའི་བྱུག་པས་བྱུགས་པ་དང་། གནས་མལ་བཤམས་པ་དང་། འབྲུ་མར་གྱི་མར་མེ་བུས་