Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽

Toh 101Folio 71Volume 48
Vol. 48F. 71aUT4CZ5369-I1KG9174-0000/side/141
རྟེན་གྱི་ཁམས་གྲངས་མེད་པ་ཁྲི་དྲུག་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་ཟླ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་སཱ་ལ་རིན་པོ་ཆེ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་ཀུན་ཏུ་སྦས་ཞེས་བྱ་བ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་བྱ་བ་ནས། དེ་ཡང་འོངས་ཏེ་ཞེས་བྱ་བ་དང་། དེ་ལྟ་ལགས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །དེའི་ཚེ་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཁྲི་ལྔ་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་ དེ། དེ་ན་དེ་བཞིན་གཤེགས་པ་ཁ་ལོ་བསྒྱུར་བ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་ཤིང་རྟ་བཟང་པོ་ཅན་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་བྱ་བ་ནས། དེ་ཡང་འོངས་ཏེ་ཞེས་ བྱ་བ་དང་། དེ་ལྟ་ལགས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །དེའི་ཚེ་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཁྲི་བཞི་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་གདུགས་གཅིག་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་རིན་པོ་ཆེའི་རྟ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱུ་སྐར་གྱི་རྟ་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་བྱ་བ་ནས། དེ་ཡང་འོངས་ཏེ་ཞེས་བྱ་བ་དང་། དེ་ལྟ་ལགས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། དེའི་ཚེ་ཤར་ཕྱོགས་སུ་འཇིག་ རྟེན་གྱི་ཁམས་གྲངས་མེད་པ་ཁྲི་སུམ་སྟོང་འདས་པ་ན། འཇིག་རྟེན་གྱི་ཁམས་མྱ་ངན་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་བརྗོད་པ་དོན་ཡོད་ཅེས་བྱ་བ་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་ བྱང་ཆུབ་སེམས་དཔའ་དོན་ཡོད་མིང་རྒལ་ཅེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་བྱ་བ་ནས། དེ་ཡང་འོངས་ཏེ་ཞེས་བྱ་བ་དང་། དེ་ལྟ་ལགས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །དེའི་ཚེ་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་ཁྲི་ཉིས་
Vol. 48F. 71bUT4CZ5369-I1KG9174-0000/side/142
སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་མྱ་ངན་བྲལ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དཔལ་འབྱུང་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་དཔལ་མཐའ་ཡས་གཟི་བརྗིད་ཅེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་བྱ་བ་ནས། དེ་ཡང་འོངས་ཏེ་ཞེས་བྱ་བ་དང་། དེ་ལྟ་ལགས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །དེའི་ཚེ་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཁྲི་ཆིག་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་སྡོམ་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་ གཤེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་དཔས་བྱིན་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་བྱ་བ་ནས། དེ་ཡང་འོངས་ཏེ་ཞེས་བྱ་བ་དང་། དེ་ ལྟ་ལགས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །དེའི་ཚེ་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་ཁྲི་འདས་པ་ན་འཇིག་རྟེན་གྱི་ཁམས་མཐོང་བ་དོན་ཡོད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དོན་ཡོད་རྣམ་པར་གནོན་ཅེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་དོན་ཡོད་པའི་གོ་ཆ་བགོས་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་བྱ་བ་ནས། དེ་ཡང་འོངས་ཏེ་ཞེས་བྱ་བ་དང་། དེ་ལྟ་ལགས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །དེའི་ཚེ་ཤར་ ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་དགུ་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་སྤོས་ཅན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་སྤོས་སྣང་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། །བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རིན་ཆེན་སྣང་ཞེས་བྱ་བ་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་བྱ་བ་ནས། དེ་ཡང་འོངས་ཏེ་ཞེས་བྱ་བ་དང་། དེ་ལྟ་ལགས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །དེའི་ཚེ་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱད་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་ཚངས་པའི་དབྱངས་