Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽

Toh 101Folio 82Volume 48
Vol. 48F. 82aUT4CZ5369-I1KG9174-0000/side/163
དེ་ན་དེ་བཞིན་གཤེགས་པ་སྨན་པའི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་སྨན་པའི་མཆོག་ཅེས་བྱ་བ་བཏང་ངོ་། །དེའི་ཡང་འདབ་ཆགས་ན་འཇིག་རྟེན་གྱི་ཁམས་ཁ་དོག་མེད་ ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཐ་དད་པ་མེད་པའི་གོ་ཆ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ཐ་མི་དད་པར་སྤྱོད་པ་ཞེས་བྱ་བ་བཏང་ངོ་། །དེའི་ཡང་འདབ་ཆགས་ན་འཇིག་རྟེན་གྱི་ཁམས་ ཀུན་ཏུ་ཁ་དོག་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཡེ་ཤེས་མཐའ་ཡས་གྲགས་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ཡོན་ཏན་མཐའ་ཡས་འབྱུང་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་བྱ་བ་ནས། བཏང་ངོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །དེའི་ཡང་འདབ་ཆགས་ན་འཇིག་རྟེན་གྱི་ཁམས་མཚོ་ཅན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཙན་དན་གྱི་བསུང་གི་དཔལ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ཡེ་ཤེས་སྤོས་ཀྱི་དཔལ་ཞེས་བྱ་བ་བཏང་ངོ་། །དེའི་ཡང་འདབ་ཆགས་ན་འཇིག་རྟེན་གྱི་ཁམས་དཔེ་མེད་དཔལ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་སངས་རྒྱས་དཔེ་མེད་མེ་ཏོག་འབྱུང་བའི་དཔལ་ཞེས་བྱ་བ་བཞུགས་ཏེ་འཚོ་ ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ཡང་དག་འཕགས་ཞེས་བྱ་བ་བཏང་ངོ་། །དེའི་ཡང་འདབ་ཆགས་ན་འཇིག་རྟེན་གྱི་ཁམས་རིན་ཆེན་ལྡན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཤིན་ཏུ་རབ་ཏུ་གནས་པའི་རྒྱལ་པོ་ཞེས་བྱ་བ་ བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་སྡོམ་པ་ལ་རབ་ཏུ་གནས་པ་ཞེས་བྱ་བ་བཏང་ངོ་། །དེའི་ཡང་འདབ་ཆགས་ན་འཇིག་རྟེན་གྱི་ཁམས་ཕྱོགས་ཅན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཟླ་བ་འཕགས་པའི་
Vol. 48F. 82bUT4CZ5369-I1KG9174-0000/side/164
འོད་ཟེར་ཅེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ཟླ་བ་ཞེས་བྱ་བ་བཏང་ངོ་།། །།བམ་པོ་བདུན་པ། དེའི་ཡང་འདབ་ཆགས་ན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་ གཤེགས་པ་ཁ་ལོ་སྒྱུར་བ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་མྱ་ངན་མེད་པའི་བློ་གྲོས་ཞེས་བྱ་བ་བཏང་ངོ་། །དེའི་ཡང་འདབ་ཆགས་ན་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་ གཤེགས་པ་ལུས་མཛད་ཅེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་བྲག་ཅེས་བྱ་བ་བཏང་ངོ་། །དེའི་ཡང་འདབ་ཆགས་ན་འཇིག་རྟེན་གྱི་ཁམས་དགའ་བའི་སྤོས་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་སྐྱོ་ མེད་འགྱུར་བར་མཛད་ཅེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ཡོངས་བསྒྲགས་ཉོན་མོངས་ཡང་དག་བཅོམ་ཞེས་བྱ་བ་བཏང་ངོ་། །དེའི་ཡང་འདབ་ཆགས་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་ཀུན་ལ་རབ་ཏུ་གནས་ ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་སྙན་པའི་བཤེས་གཉེན་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་རྒྱལ་བའི་བཤེས་གཉེན་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ ལུང་བསྟན་ཏོ་ཞེས་བྱ་བ་ནས་བཏང་ངོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །དེའི་ཡང་འདབ་ཆགས་ན་འཇིག་རྟེན་གྱི་ཁམས་ཕུན་སུམ་ཚོགས་པ་ཀུན་ལ་རབ་ཏུ་གནས་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་སྙན་པའི་ང་རོ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ཆོས་འཕགས་ཞེས་བྱ་བ་བཏང་ངོ་། །དེའི་ཡང་འདབ་ཆགས་ན་འཇིག་རྟེན་གྱི་ཁམས་མྱ་ངན་མེད་པའི་བློ་གྲོས་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་མྱ་ངན་བྲལ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ།