Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 217Folio 20Volume 62
Vol. 62F. 20aUT4CZ5369-I1KG9188-0000/side/39
བདག་ནི་ཡེ་ཤེས་ཀྱི་ཚོགས་ལ་གནས་ཀྱིས། གཞན་དག་ཀྱང་ཡེ་ཤེས་ཀྱི་ཚོགས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡེ་ཤེས་ཀྱི་ཚོགས་ནི་བྱང་ཆུབ་སེམས་དཔའ་རྣམས་ཡེ་ཤེས་ཀྱི་ཚོགས་ཀྱིས་བརྟན་པ་དང་། གོས་དང་། ཟས་དང་།
མལ་ཆ་དང་། ན་བའི་གསོས་སྨན་གྱིས་བརྟན་པ་གང་ཡིན་པའོ། །བདག་ནི་ཞི་གནས་ཀྱི་ཚོགས་ལ་གནས་ཀྱིས། གཞན་དག་ཀྱང་ཞི་གནས་ཀྱི་ཚོགས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཞི་གནས་ཀྱི་ཚོགས་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་
འཇུག་པ་ལ་རློམ་སེམས་མེད་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་
ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ལྷག་མཐོང་གི་ཚོགས་ལ་གནས་ཀྱིས། གཞན་དག་ཀྱང་ལྷག་མཐོང་གི་ཚོགས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལྷག་མཐོང་གི་ཚོགས་ནི་ཆོས་ཐམས་ཅད་
ལ་མཐའ་དང་དབུང་མེད་པར་འཇུག་པ་གང་ཡིན་པའོ། །བདག་ནི་ཚུལ་ཁྲིམས་ལ་གནས་ཀྱིས། གཞན་དག་ཀྱང་ཚུལ་ཁྲིམས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚུལ་ཁྲིམས་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པ་གང་ཡིན་པའོ། །
བདག་ནི་བཟོད་པ་ལ་གནས་ཀྱིས། གཞན་དག་ཀྱང་བཟོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བཟོད་པ་ནི་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་གང་ཡིན་པའོ། །བདག་ནི་བརྩོན་འགྲུས་ལ་གནས་ཀྱིས། གཞན་དག་ཀྱང་བརྩོན་འགྲུས་
ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བརྩོན་འགྲུས་ནི་སེམས་ཅན་ཐམས་ཅད་བསོད་ནམས་ཀྱི་ཚོགས་ལ་གཟུད་པར་བྱ་བ་ལ་ཡོངས་སུ་སྐྱོ་བ་མེད་པ་གང་ཡིན་པའོ། །བདག་ནི་བསམ་གཏན་ལ་གནས་ཀྱིས། གཞན་དག་ཀྱང་བསམ་གཏན་ལ་དགོད་དོ་
Vol. 62F. 20bUT4CZ5369-I1KG9188-0000/side/40
ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བསམ་གཏན་ནི་དམིགས་པ་ཐམས་ཅད་ལ་གནས་པ་མེད་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་
ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ཤེས་རབ་ལ་གནས་ཀྱིས། གཞན་དག་ཀྱང་ཤེས་རབ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཤེས་རབ་
ནི་ཆོས་ཐམས་ཅད་མངོན་སུམ་དུ་གྱུར་པ་གང་ཡིན་པའོ། །བདག་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྡུ་བ་ལ་གནས་ཀྱིས། གཞན་དག་ཀྱང་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྡུ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྡུ་བ་ནི་
བསམ་པས་བསྡུས་པའི་བྱང་ཆུབ་ཀྱི་སེམས་གང་ཡིན་པའོ། །བདག་ནི་ཆོས་སྨྲ་བ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་སྨྲ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་སྨྲ་བ་ནི་དེ་བཞིན་གཤེགས་པས་གནང་བ་བརྗོད་པ་གང་ཡིན་པའོ། །བདག་
ནི་དྲན་པ་ལ་གནས་ཀྱིས། གཞན་དག་ཀྱང་དྲན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དྲན་པ་ནི་མི་བརྗེད་པའི་ཆོས་ལ་འཇུག་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་
སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་བློ་གྲོས་ལ་གནས་ཀྱིས། གཞན་དག་ཀྱང་བློ་གྲོས་ལ་དགོད་དོ་ཞེས་
དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བློ་གྲོས་ནི་ཆོས་ཀྱི་མཚམས་སྦྱོར་བ་ཁོང་དུ་ཆུད་པ་གང་ཡིན་པའོ། །བདག་ནི་བརྟན་པ་ལ་གནས་ཀྱིས། གཞན་དག་ཀྱང་བརྟན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བརྟན་པ་ནི་སྤྱོད་པ་དང་ཆོ་ག་