Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽

Toh 263Folio 15Volume 67
Vol. 67F. 15aUT4CZ5369-I1KG9193-0000/side/29
འཚལ་ལོ། །དེ་བཞིན་གཤེགས་པ་འོད་ཟེར་སྤྱན་གསལ་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མི་ཚུགས་བློ་གྲོས་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་བཙུན་པའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཆོད་པའི་ཟླ་བ་ལ་ ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ངེས་པའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤིན་ཏུ་དང་བའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤིན་ཏུ་དུལ་བའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཆོད་པའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་ གཤེགས་པ་ཤིན་ཏུ་གནས་པའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་ཐར་པའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡོན་ཏན་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྒྱལ་པོའི་ཟླ་བ་ལ་ཕྱག་ འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བ་ཉིད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཙུག་ཏོར་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བའི་སྒོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཕ་རོལ་ཏུ་ཕྱིན་པར་འགྲོ་བའི་ ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ནམ་མཁའི་སྟེང་དྲི་མ་མེད་པའི་ཡེ་ཤེས་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡོན་ཏན་རྟག་ཏུ་རྣམ་པར་སྣང་བའི་མཆོག་རབ་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཐུ་སྟོབས་ཐམས་ཅད་ལ་དྲི་མ་མེད་པའི་ཡེ་ཤེས་ཟླ་བ་ ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བརྩོན་འགྲུས་མཐུ་ལ་མི་རྫི་བའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྤྱན་རྣམ་པར་དགྱེས་པ་ནམ་མཁའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཚན་རབ་ཏུ་རྒྱས་པ་ཟིལ་གྱིས་མི་གནོན་པའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་ བཞིན་གཤེགས་པ་སྐུ་ཐམས་ཅད་ཡེ་ཤེས་གཟུགས་བརྙན་གྱི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྨོན་ལམ་ཡོངས་སུ་རྫོགས་པར་སྤྲུལ་པའི་ཟླ་བ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བསོད་ནམས་མཛོད་ཀུན་ཏུ་སྣང་བའི་འོད་གསལ་བ་ལ་ཕྱག་
Vol. 67F. 15bUT4CZ5369-I1KG9193-0000/side/30
འཚལ་ལོ། །དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོའི་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ནམ་མཁའི་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དྲིའི་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཞལ་མེད་རིའི་འོད་གསལ་བ་ ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རི་བོའི་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རི་རབ་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཙང་མ་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡོངས་སུ་དག་པ་ འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཏུ་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཐའ་ཡས་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་ གཤེགས་པ་འོད་ཟེར་གྱི་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མེའི་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཉི་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་ བཞིན་གཤེགས་པ་ཆོས་ཀྱི་དཀྱིལ་འཁོར་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡེ་ཤེས་དཀྱིལ་འཁོར་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཛམ་ བུའི་གསེར་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསེར་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཉི་མ་ཟིལ་གྱིས་གནོན་པ་ཀུན་ཏུ་འོད་གསལ་བ་ལ་ཕྱག་འཚལ་ ལོ། །དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ནམ་མཁའི་དབྱིངས་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོ་འོད་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་