Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 263Folio 30Volume 67
Vol. 67F. 30aUT4CZ5369-I1KG9193-0000/side/59
འཇིགས་པ་ཐམས་ཅད་ལས་ཤིན་ཏུ་འདས་པར་ཤོག་ཤིག །གང་གིས་དེ་བཞིན་གཤེགས་པ་འདི་དག་གི་མཚན་འཛིན་པ་དེ་དག་གིས་གཟུངས་སྔགས་ཀྱི་ཚིག་འདི་ཡང་རྟག་ཏུ་རྒྱུན་མི་འཆད་པར་ཟུང་ཤིག །དེ་སྟེ་བྱང་ཆུབ་སེམས་དཔའ་བྱམས་པ་མཐོང་བར་འདོད་ན་དེས་ཅི་ནུས་
པར་མཆོད་པ་བྱས་ཏེ་འབུམ་དུ་བཟླས་པར་བྱའོ། །ཀུན་ཏུ་ཡང་གཙང་ཞིང་བྱམས་པའི་སེམས་སུ་བྱ། དེ་སྟེ་ཀུན་ཏུ་བཟང་པོ་མཐོང་བར་འདོད་ན་ཡང་དེས་དེ་བཞིན་མཆོད་དེ་ཉིས་འབུམ་བཟླས་པར་བྱའོ། །དེ་སྟེ་ཡང་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་མཐོང་བར་འདོད་ན། དེ་ལྟར་
མཆོད་དེ་སུམ་འབུམ་བཟླས་པར་བྱའོ། །ཀུན་ཏུ་ཡང་གཙང་ཞིང་བྱམས་པའི་སེམས་སུ་བཅས་ལ། ང་རྒྱལ་དང་། དྲེགས་པ་དང་། ཁྲོ་བ་དང་། སྡིག་པ་ཐམས་ཅད་དང་བྲལ་བར་བྱའོ། །དེ་བཞིན་གཤེགས་པ་ཉི་མའི་མཆོག་འོད་གསལ་དཔལ་གཟི་བརྗིད་སྣང་བ་ལ་
ཕྱག་འཚལ་ལོ། །ཏདྱ་ཐཱ། སཱུརྱེ་སཱུརྱེ། ཛྙཱ་ན་སཱུ་རྱེ་སྭཱ་ཧཱ། དེ་བཞིན་གཤེགས་པ་གཟི་བརྗིད་ཆེན་པོ་རྣམ་པ་དུ་མའི་རྒྱལ་པོ་དཔལ་འོད་གསལ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཤི་རི་ཤི་རི། ཏེ་ཛ་ཤི་རི་སྭཱ་ཧཱ། དེ་བཞིན་གཤེགས་པ་བསྐལ་པ་བྱེ་བ་གྲངས་མེད་པར་
བསགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ས་མུ་དྲ་ཡེ་ས་མུ་དྲ་ཡེ། ཛྙཱ་ན་ས་མུ་དྲ་ཡེ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཆོས་ཚུལ་ཐམས་ཅད་རྣམ་པར་སྤྲུལ་པའི་གཟི་བརྗིད་འོད་གསལ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། གརྦྷེ་གརྦྷེ། །ཛྙཱ་ན་གརྦྷེ་སྭཱ་ཧཱ། དེ་བཞིན་གཤེགས་
པ་གསེར་བཟང་ནམ་མཁའ་སྒྲ་མང་གཟི་བརྗིད་འོད་གསལ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ག་ག་ནེ་ག་ག་ནེ། ག་ག་ན་བི་ཤུད་དྷེ་སྭཱ་ཧཱ། དེ་བཞིན་གཤེགས་པ་རིན་ཆེན་རི་རབ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། མེ་རུ་མེ་རུ། རཏྣ་མེ་རུ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཡོན་ཏན་རྒྱ་མཚོ་ལ་ཕྱག་
འཚལ་ལོ། །ཏདྱ་ཐཱ། གུ་ཎེ་གུ་ཎེ། གུ་ཎ་ས་མུ་དྲེ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཆོས་དབྱིངས་དབྱངས་དཔལ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། གེ་ཐུ་གེ་ཐུ། ཛྙཱ་ན་གེ་ཐུ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་སྒྲ་འབྱིན་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ས་མུ་དྲེ་ས་མུ་དྲེ།
Vol. 67F. 30bUT4CZ5369-I1KG9193-0000/side/60
ཛྙཱ་ན་ས་མུ་དྲེ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། དྷྭ་ཛེ་དྷྭ་ཛེ་དྷརྨ་དྷྭ་ཛེ་སྭཱ་ཧཱ། དེ་བཞིན་གཤེགས་པ་སའི་གཟི་བརྗིད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། དྷ་རེ་དྷ་རེ། དྷཱ་ར་ཎི་མུ་དྲེ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཆོས་སྟོབས་འོད་ལ་ཕྱག་འཚལ་ལོ། །
ཏདྱ་ཐཱ། པྲ་བྷེ་པྲ་བྷེ། དྷརྨ་པྲ་བྷེ་སྭཱ་ཧཱ། དེ་བཞིན་གཤེགས་པ་སངས་རྒྱས་ནམ་མཁའི་དཔལ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བུད་དྷེ་བུད་དྷེ། སུ་བུད་དྷེ་སྭཱ་ཧཱ། དེ་བཞིན་གཤེགས་པ་འོད་ཆོས་ཀྱི་འོད་ཟེར་རི་རབ་རྩེ་མོ་སྣང་བ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨརྩི་ཨརྩི། ཛྙཱ་ན་ཨརྩི་སྭཱ་ཧཱ།
དེ་བཞིན་གཤེགས་པ་སྤྲིན་གྱི་རྩེ་མོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། མེ་གྷ་མེ་གྷ། མ་ཧཱ་མེ་གྷ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཉི་མ་མར་མེ་དཔལ་རྩེ་མོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པྲ་དཱི་པེ་པྲ་དཱི་པེ། ཛྙཱ་ན་པྲ་དཱི་པེ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཞིང་དུ་སངས་རྒྱས་པ་ལ་ཕྱག་འཚལ་
ལོ། །ཏདྱ་ཐཱ། ས་མེ་ས་མེ། ས་མ་སྠི་ཏེ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཤིང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། དྲུ་མེ་དྲུ་མེ། ཛྙཱ་ན་དྲུ་མེ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཡོན་ཏན་རི་རབ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། གུ་ཎེ་གུ་ཎེ། གུ་ཎ་མེ་རུ་ཤི་ཁ་རེ་སྭཱ་ཧཱ།
དེ་བཞིན་གཤེགས་པ་སྤྲིན་ཆེན་སྤྱན་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ནི་མེ་ནི་མེ། ཛྙཱ་ན་ནི་མེ་སྭཱ་ཧཱ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བི་རི་བི་རི། བཻ་རོ་ཙ་ན་སྭཱ་ཧཱ། དེ་བཞིན་གཤེགས་པ་འོད་མང་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ།
བྱཱུ་ཧེ་བྱཱུ་ཧེ། ཛྙཱ་ན་བྱཱུ་ཧེ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ས་མ་ས་མ་ས་མུ་དྲ་བི་ཀྲ་མ་ཎི་སྭཱ་ཧཱ། དེ་བཞིན་གཤེགས་པ་གཟི་བརྗིད་དབུ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཏེ་ཛོ་ཏེ་ཛོ། ཛྙཱ་ན་ཏེ་ཛོ་སྭཱ་ཧཱ། དེ་བཞིན་གཤེགས་པ་འཇིག་རྟེན་མགོན་
པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨིན་དྲེ་ཨིན་དྲེ། ཨིན་དྲ་བི་ཀྲ་མེ་སྭཱ་ཧཱ། དེ་བཞིན་གཤེགས་པ་གཟི་བརྗིད་དཔལ་བཟང་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བྷ་དྲེ་བྷ་དྲེ། སུ་བྷ་དྲེ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཆོས་ཀུན་འོད་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པྲ་བྷེ་པྲ་བྷེ། ཛྙཱ་ན་པྲ་བྷེ་སྭཱ་ཧཱ།