Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 263Folio 45Volume 67
Vol. 67F. 45aUT4CZ5369-I1KG9193-0000/side/89
འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཏུ་གསལ་བའི་འོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་ཀུན་ཏུ་སེམས་ཅན་ཐམས་ཅད་ལ་སྤོབས་པ་མི་གཅོད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྡུལ་མེད་རྡུལ་དང་བྲལ་བའི་རྣམ་པར་
འཕར་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གོམ་པ་རྣམ་པར་འཕར་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མྱ་ངན་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མྱ་ངན་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཔལ་
འབྱུང་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡོན་ཏན་གྱི་རྒྱལ་པོ་རབ་ཏུ་སྣང་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རི་རབ་ཀྱི་རྩེ་མོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མོས་པའི་དྲི་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀཽཎྜི་ནྱ་ལ་ཕྱག་འཚལ་
ལོ། །དེ་བཞིན་གཤེགས་པ་གནས་ཀྱི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་ཨུད་པ་ལའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མེ་ཏོག་ཀུ་མུ་ད་འབྱུང་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་གྱིས་བཀུར་བའི་སྤྱན་ལ་ཕྱག་འཚལ་ལོ། །
དེ་བཞིན་གཤེགས་པ་འཁོར་དམ་པ་དང་ལྡན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཐའ་ཡས་པར་སྣང་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བ་ལས་བྱུང་བའི་འོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཕྱོགས་ཀུན་ཏུ་གྲགས་པ་ལ་ཕྱག་འཚལ་ལོ། །
དེ་བཞིན་གཤེགས་པ་སྐར་མའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐར་མའི་ཚོགས་ཀྱི་དབང་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཔག་ཏུ་མེད་པར་སྣང་བའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དྲི་དམ་པའི་རི་རབ་ལ་ཕྱག་འཚལ་ལོ། །དེ་བཞིན་
གཤེགས་པ་འཇིགས་པ་མེད་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདེ་བ་འབྱུང་བའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡོན་ཏན་དཔག་ཏུ་མེད་པར་སྤྱོད་པ་འབྱུང་བའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡོན་ཏན་ཐམས་
Vol. 67F. 45bUT4CZ5369-I1KG9193-0000/side/90
ཅད་ཀྱིས་བརྒྱན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མེ་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཞན་གྱིས་མི་ཚུགས་པའི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསང་བ་ལ་དབང་བའི་འོད་ཟེར་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་
པ་མི་འཇིགས་པའི་པད་མོ་ལས་མངོན་དུ་འཕགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྤྱོད་པ་སྣ་ཚོགས་པ་འབྱུང་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་རྫོབ་ཀྱི་དབྱངས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ནམ་མཁའི་དཀྱིལ་འཁོར་རྣམ་པར་དག་པ་ལ་ཕྱག་
འཚལ་ལོ། །དེ་བཞིན་གཤེགས་པ་མཚན་མ་མེད་པའི་དབྱངས་འཇོམས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཔལ་མངོན་དུ་འཕགས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཞན་གྱིས་མི་ཚུགས་
པའི་དྲི་བན་གླང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རི་རབ་རབ་ཏུ་སྣང་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རབ་ཏུ་མར་མེ་མཛད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་པད་མོ་དམ་པའི་འོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གྲགས་པ་སྡུད་
པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གྲགས་པའི་བཤེས་གཉེན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སཱ་ལའི་དབང་པོ་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ལོག་པར་དད་སེལ་
ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསེར་ཐུབ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འོད་སྲུང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བྱམས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་
སེང་གེ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྒྲོན་མ་འབྱིན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐུབ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མེ་ཏོག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མེ་ཏོག་ཆེན་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་