Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 266Folio 23Volume 67
Vol. 67F. 23aUT4CZ5369-I1KG9193-0000/side/45
དེ་བཞིན་གཤེགས་པ་རིན་ཆེན་མཚན་གྱིས་བརྒྱན་པ་ཟླ་བའི་བློ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཀྱི་དཀྱིལ་འཁོར་འོད་གསལ་གཙུག་ཏོར་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཏུ་གཟུགས་བརྙན་འོད་གཙུག་ཏོར་ལ་ཕྱག་འཚལ་ལོ། །
དེ་བཞིན་གཤེགས་པ་སངས་རྒྱས་ནམ་མཁའ་སྣང་གཙུག་ཏོར་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཏུ་འོད་སྣང་གཙུག་ཏོར་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་ཟེར་སྣང་བའི་གཙུག་ཏོར་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དྲིའི་འོད་
ཟེར་སྣང་བའི་གཙུག་ཏོར་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འོད་འཕྲོ་གཙུག་ཏོར་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་གཙུག་ཏོར་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ལྷའི་དབང་པོའི་གཙུག་ཏོར་ལ་ཕྱག་འཚལ་ལོ། །དེ་བཞིན་
གཤེགས་པ་རྣམ་པ་སྣ་ཚོགས་ཀྱི་གཙུག་ཏོར་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ནོར་བུའི་གཙུག་ཏོར་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་མེད་པར་མཛད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པར་སྟོན་པ་ལ་ཕྱག་འཚལ་
ལོ། །དེ་བཞིན་གཤེགས་པ་ཤིན་ཏུ་འཇིགས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་དང་ཐ་མི་དད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་མངོན་དུ་འཕགས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་མངོན་
དུ་མཛད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཉིད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པའི་སྟོབས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པའི་འོད་ཟེར་ལ་
ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པའི་དབྱངས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་ཟིལ་གྱིས་གནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མེ་ཏོག་
Vol. 67F. 23bUT4CZ5369-I1KG9193-0000/side/46
ཟིལ་གྱིས་གནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡེ་ཤེས་ཟིལ་གྱིས་གནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟི་བརྗིད་ཟིལ་གྱིས་གནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཐའ་ཡས་དབྱངས་ཟིལ་གྱིས་གནོན་པ་ལ་ཕྱག་འཚལ་ལོ། །
དེ་བཞིན་གཤེགས་པ་མི་མཐོང་ཟིལ་གྱིས་གནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྙིང་པོ་ཟིལ་གྱིས་གནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མངོན་པར་ཤེས་པའི་ཡེ་ཤེས་ཟིལ་གྱིས་གནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དབང་པོ་ཞི་བ་ལ་
ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡིད་ཞི་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཞི་བ་ཉིད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཞི་བ་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཞི་བའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་
གཤེགས་པ་རབ་ཏུ་ཞི་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འདུལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འདྲི་བ་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མི་ཐུབ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤིན་ཏུ་མི་ཐུབ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་
གཤེགས་པ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྡོ་རྗེའི་བསམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྡོ་རྗེ་གཙང་མ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྡོ་རྗེ་ཡེ་ཤེས་རི་བོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྡོ་རྗེ་ནོར་བུ་རིས་ལ་
ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྡོ་རྗེ་རི་བོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྡོ་རྗེས་རི་བོ་འཇོམས་པར་མཛད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྡོ་རྗེའི་ལྟེ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྡོ་རྗེ་འཇོམས་པ་ལ་ཕྱག་འཚལ་ལོ། །
དེ་བཞིན་གཤེགས་པ་རྡོ་རྗེ་པད་མོ་བླ་མ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྡོ་རྗེ་ཟླ་བའི་བླ་མ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་པད་མོ་ཉིད་ཀྱི་བླ་མ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚངས་པའི་བླ་མ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་