Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽

Toh 266Folio 24Volume 67
Vol. 67F. 24aUT4CZ5369-I1KG9193-0000/side/47
ཡན་ལག་བླ་མ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཀྱི་རང་བཞིན་བླ་མ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྡོ་རྗེ་པད་མོ་ཉིད་ཀྱི་བླ་མ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གྲགས་པའི་བླ་མ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་ པ་བླ་མ་ཉིད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཞི་འོད་དཔལ་གྱི་བླ་མ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡེ་ཤེས་ཀུན་ཏུ་སྣང་བར་འཕར་བའི་སེང་གེ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མི་འཇིགས་པའི་རྡོ་རྗེ་མཐུ་ཆེན་སེང་གེ་ལ་ཕྱག་འཚལ་ ལོ། །དེ་བཞིན་གཤེགས་པ་ཆོས་ནམ་མཁའ་འོད་གསལ་འོད་ཀྱི་སེང་གེ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཏིང་ངེ་འཛིན་རྒྱ་མཚོ་ཐམས་ཅད་སྣང་བའི་སེང་གེ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཀྱི་མར་མེ་འབར་བའི་ཡེ་ཤེས་སེང་གེ་ལ་ ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྙིང་རྗེ་ཆེན་པོའི་སེང་གེ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སེང་གེ་རྣམ་པར་སྒྲོགས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སེང་གེའི་སྟབས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྒྱ་མཚོ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཚན་ཐམས་ཅད་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ནམ་མཁའ་དཔལ་རྣམ་ པར་སྣང་མཛད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཙང་བསྙེམས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འོད་མང་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྤྱན་མི་འཛུམས་པ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དཔལ་འབར་པད་རྨོས་རོལ་པ་ཤིན་ཏུ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཏུ་འོད་གསལ་ནམ་མཁའ་དབྱངས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷའི་རྒྱུད་ལས་རྣམ་པར་
Vol. 67F. 24bUT4CZ5369-I1KG9193-0000/side/48
འཕར་བར་བཞུད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བདེ་བར་བཞུད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤིན་ཏུ་ཞི་བའི་གཟུགས་སུ་བཞུད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྤྱོད་པར་བཞུད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་ པ་ཡང་དག་པར་བཞུད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཕ་རོལ་ཏུ་བཞུད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མི་ཆུང་བར་བཞུད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཞི་བའི་ཕ་རོལ་ཏུ་བཞུད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཔལ་ དཔག་ཏུ་མེད་པའི་ཡོན་ཏན་མང་བས་འདས་པའི་རྒྱན་ལྟ་བུ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་ཡོན་ཏན་དཔལ་རྒྱན་གཟི་བརྗིད་ཕུང་པོ་ལྟ་བུ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འོད་ཟེར་འབར་བའི་རི་བོ་དཔལ་རྒྱན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ རི་བོ་དཔལ་རྒྱན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྣང་བའི་རྒྱ་མཚོའི་རྒྱན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འོད་རྒྱན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འོད་རྒྱན་གཞོན་ནུ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྒྱན་ཆེན་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བསོད་ནམས་མི་ཟད་པའི་རྒྱ་མཚོ་རབ་ཏུ་རྒྱན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གྲགས་ལྡན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གྲགས་ཆེན་ལྡན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཐའ་ཡས་ལྡན་ལ་ཕྱག་འཚལ་ལོ། །དེ་བཞིན་ གཤེགས་པ་གྲགས་པ་མཐའ་ཡས་ལྡན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གྲགས་པའི་འོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གྲགས་གཙང་ཤར་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་གྲགས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་ མཛེས་གྲགས་ལྡན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དྲི་མ་མེད་པའི་ཟླ་བ་གྲགས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཐུ་ཆེན་རྡོ་རྗེ་བརྩོན་འགྲུས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཐུ་ཆེན་བརྩོན་འགྲུས་འབྱིན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་