Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 266Folio 43Volume 67
Vol. 67F. 43aUT4CZ5369-I1KG9193-0000/side/85
ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་དག་པའི་སྤྱན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་དག་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དོགས་པ་མེད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་དང་བྲལ་བའི་
སྤུ་འགྲེང་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་པོ་ཆེའི་གོ་ཆ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ལན་མི་ལྡོན་པའི་འོད་ཟེར་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དྲ་བ་འོད་ཀྱི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྒྱུའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །
དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་སྐུ་སྟོན་པའི་དཔལ་ལ་ཕྱག་འཚལ་ལོ། དེ་བཞིན་གཤེགས་པ་པད་མོ་རྒྱན་གྱི་ཁྱུ་མཆོག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དྲ་བ་འོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སངས་རྒྱས་མེ་ཏོག་འོད་འབྱུང་མཐའ་ཡས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་
པ་རིན་ཆེན་སྐར་མ་ཁྱུ་མཆོག་སྨན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྨན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡེ་ཤེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མངོན་དུ་འཕགས་པའི་གོ་ཆ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བླ་ན་མེད་པའི་རི་རབ་ལ་ཕྱག་འཚལ་
ལོ། །དེ་བཞིན་གཤེགས་པ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མེ་ཏོག་བརྩེགས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རབ་ཏུ་གཏོར་བའི་མེ་ཏོག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྟག་ཏུ་མཛེས་པའི་འོད་ཟེར་
ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བླ་ན་མེད་པའི་འོད་ཟེར་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྟོབས་ཀྱི་གོམ་པ་རྣམ་པར་འབར་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གོམ་པ་རྣམ་པར་འཕར་བ་མཐའ་ཡས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་
སྨོན་ལམ་མཐའ་ཡས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྤོབས་པ་ཚད་མེད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྟོབས་ཚད་མེད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཐའ་ཡས་པའི་ཁྱུ་མཆོག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མ་ངེས་པའི་
Vol. 67F. 43bUT4CZ5369-I1KG9193-0000/side/86
སྨོན་ལམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐྱེ་བ་སྒྱུར་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྒྱུར་བའི་སྨོན་ལམ་མི་སྐྱེ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཏུ་རྩོལ་བའི་གོ་ཆ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སངས་རྒྱས་ནམ་མཁའ་ལ་ཕྱག་འཚལ་
ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དོན་གྲུབ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གོ་ཆ་གྲུབ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཙུག་ཏོར་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤིན་ཏུ་བརྟན་
པའི་གོ་ཆ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཐའ་ཡས་པའི་གོ་ཆ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཚན་ཉིད་ཀྱི་གོ་ཆ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཔག་ཏུ་མེད་པའི་གོ་ཆ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཏུ་དུལ་བའི་གོ་ཆ་ལ་ཕྱག་
འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཏུ་སྣང་བའི་གོ་ཆ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མར་མེ་མཛད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྣང་བ་མཛད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཛོད་གཅིག་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་མཐའ་
ཡས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དྲ་བ་འོད་ཟེར་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བརྩོན་འགྲུས་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྤྱི་བོ་ནས་མངོན་དུ་འཕགས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འོད་ཀྱི་དཀྱིལ་འཁོར་ལ་
ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་གཟིགས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲགས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་ཤིང་བག་ཚ་བ་ཐམས་ཅད་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་
ཡོན་ཏན་མཐའ་ཡས་རབ་ཏུ་གསལ་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྒོལ་བ་ཐམས་ཅད་ཤིན་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བདུད་ཀྱི་ཡུལ་ཐམས་ཅད་ཤིན་ཏུ་ནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཞལ་དུ་མེད་པའི་མེ་ཏོག་