Derge Tanjur - བསྟན་འགྱུར། ༼སྡེ་དགེ་པར་ཕུད༽
Toh 3808Folio 31Volume 93
Vol. 93F. 31aUT23703-1409-0000/side/61
པ་འམ། ལུས་སུ་གཏོགས་པ་མ་ཡིན་པ་ཤེས་ཀྱང་ཇི་ལྟར་ཡང་ཤེས་པར་མི་ནུས། གང་དུ་ཡང་བསྡུ་བ་འམ། བགྲང་བར་མི་ནུས་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་བཅོམ་ལྡན་འདས་ཀྱི་དབུའི་སྟེང་གི་ནམ་མཁའ་
ལ་ཞེས་བྱ་བ་ལ་སོགས་པས་ནི་བྱིན་གྱི་རླབས་ཀྱིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ཏོ། །ཡང་འཛུམ་པ་མཛད་དེ་ཞེས་བྱ་བ་ལ་སོགས་པས་ནི་འཇིག་རྟེན་གྱི་ཁམས་ན་གནས་པ་རྣམས་གཅིག་ལ་གཅིག་སྣང་བར་བྱ་བ་དང་། འཁོར་བསྡུ་བར་བྱ་བའི་ཕྱིར་ཆོས་སྣང་བའི་ཆོ་འཕྲུལ་
བསྟན་ཏེ། དགའ་བ་དང་། མགུ་བ་དང་། དད་པ་ཐོབ་པར་བྱ་བའི་ཕྱིར་རོ། །ཀུན་གྱི་ཕ་རོལ་ན་འཇིག་རྟེན་གྱི་ཁམས་རིན་ཆེན་ཅན་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་ཕྱིར་འདིར་ལྷགས་པ་རྣམས་ཀྱི་མཐའ་ལ་ཀུན་གྱི་ཕ་རོལ་ཞེས་བྱ་བར་གཟུང་ངོ་། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་མཐའ་བསྟན་
པས་དེའི་བར་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་གཤེགས་པར་བསྟན་པ་ཡིན་ནོ། །ཐམས་ཅད་ཅིའི་ཕྱིར་མ་གཤེགས་ཤེ་ན། གང་དག་བྱོན་པར་བྱ་བའི་དགོས་པ་འགའ་ཡོད་པར་གྱུར་པ་དེ་དག་ལ་ནི་སངས་རྒྱས་ཀྱི་འོད་ཟེར་གྱིས་
སྣང་བར་མཛད་ཀྱིས།གཞན་དག་ལ་ནི་མ་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་བདག་ཅག་གི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་མཛད་པའི་ཚེ་ན། དེ་བཞིན་གཤེགས་པ་དང་ལྷན་ཅིག་ཏུ་སྨོན་ལམ་གྱི་བསྡུ་བ་ལ་སོགས་པས་བྱ་བ་བྱས་པ་དེ་དག་ནི་སངས་རྒྱས་ཀྱི་ཞིང་གཞན་
དུ་སྐྱེས་སུ་ཟིན་ཀྱང་། བདག་ཅག་གི་དེ་བཞིན་གཤེགས་པས་འདུལ་བ་ཡིན་པས། འོད་ཟེར་གྱི་ཕོ་ཉ་རྣམས་ཀྱིས་དེ་དག་ཡང་དག་པར་བསྐུལ་བ་བྱས་པར་བསྟན་པ་ཡིན་ནོ། །བཞུགས་ཤིང་འཚོ་གཞེས་ཏེ་ཞེས་བྱ་བ་ལ་ཡོངས་སུ་མྱ་ངན་ལས་མ་འདས་པའི་ཕྱིར་སྲོག་གི་དབང་
པོ་རྒྱུན་ལ་བཞུགས་པ་ཞེས་བྱའོ། །སྐུ་ལས་བྱུང་བའི་བསྙུན་མི་མངའ་བའི་ཕྱིར་འཚོ་ཞེས་བྱའོ། །གློ་བུར་གྱི་བསྙུན་མི་མངའ་ཞིང་དུས་ཀྱི་བར་དུ་བཞུགས་པས་ན་གཞེས་པ་ཞེས་བྱའོ། །ཡང་ན་ཆོས་ཀྱི་སྐུ་ནི་གནས་པ་ཡིན་པའི་ཕྱིར་བཞུགས་པ་ཞེས་བྱའོ། །ལོངས་
Vol. 93F. 31bUT23703-1409-0000/side/62
སྤྱོད་རྫོགས་པའི་སྐུ་ནི་འཚོའོ། །སྤྲུལ་པའི་སྐུ་ནི་གཞེས་སོ། །ཕལ་ཆེར་གཞོན་ནུར་གྱུར་པ་ཞེས་བྱ་བ་ལ་གཞོན་ནུར་གྱུར་པ་ཡང་ཚངས་པར་སྤྱོད་པའི་དབང་དང་། སའི་དབང་གིས་རྣམ་པ་གཉིས་ཏེ། བྱང་ཆུབ་སེམས་དཔའ་གང་དག་རང་བཞིན་གྱིས་ཉོན་མོངས་པ་ཆུང་བ་དག་ནི།
དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ་ཚངས་པར་སྤྱོད་པ་ཉིད་ཀྱིས། ས་བཅུ་པའི་བར་ལ་གནས་པར་གྱུར་པ་དེ་དག་ཀྱང་གཞོན་ནུར་གྱུར་པ་ཉིད་དོ། །ས་བརྒྱད་པ་ཡང་གཞོན་ནུར་གྱུར་པ་ཞེས་བྱ་སྟེ། ས་དེ་ཐོབ་པས་རྩོལ་བ་དང་། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་
ཕྱིར་གཞོན་ནུར་གྱུར་པ་ཞེས་བྱའོ། །པདྨ་བསྐུར་ཏེ་ཞེས་བྱ་བ་ལ་ཅིའི་ཕྱིར་སངས་རྒྱས་རྣམས་པདྨའི་མཆོད་པ་བསྐུར་ཞིང་བསྙུན་ཀྱང་གསོལ་ཞེ་ན། འདི་ནི་སངས་རྒྱས་རྣམས་ཀྱི་ཀུན་རྫོབ་ཀྱི་ཐ་སྙད་དེ། ཡང་དད་པའི་རྗེས་སུ་འབྲང་བའི་འཇིག་རྟེན་གྱིས་དེ་མཐོང་ངམ་ཐོས་ན།
ཨེ་མའོ་འདི་ལྟར་ང་རྒྱལ་དང་ཕྲག་དོག་མི་མངའོ་ཞེས་རབ་ཏུ་དད་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་གཞན་དག་ན་ཡང་སངས་རྒྱས་རྣམས་བཞུགས་པར་ཤེས་པར་བྱ་བའི་ཕྱིར་རོ། །སློབ་དཔོན་དག་ནི་འདི་སྐད་དུ་འདི་དག་ནི་གདུལ་བར་གྱུར་པ་ཡིན་གྱི། ཡོངས་སུ་གྲུབ་པ་
མ་ཡིན་པས་བྱང་ཆུབ་སེམས་དཔའ་དང་དེའི་འཁོར་རྣམས་གདུལ་བ་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་པདྨ་བསྐུར་བ་ཡིན་ནོ་ཞེས་འཆད་དོ། །དེ་བས་ན་འདི་དག་ལེགས་པར་ཡོངས་སུ་གྲུབ་པ་མ་ཡིན་པའི་ཕྱིར་རིགས་ཀྱི་བུ་ཁྱོད་སངས་རྒྱས་ཀྱི་ཞིང་དེར་བག་ཡོད་པར་སྤྱོད་ཅིག་
ཅེས་རྗེས་སུ་བསྟན་པ་ཡིན་ཏེ་དེ་ཡང་སངས་རྒྱས་ཀྱི་ཞིང་འདི་ན་ཉོན་མོངས་པའི་སྙིགས་མ་དང་། དུས་ཀྱི་སྙིགས་མ་དང་། ཚེའི་སྙིགས་མ་དང་། ལྟ་བའི་སྙིགས་མ་དང་། སེམས་ཅན་གྱི་སྙིགས་མ་དང་། སྙིགས་མ་ལྔ་ཡོད་པའི་ཕྱིར་དེ་སྐད་དུ་བཀའ་སྩལ་ཏོ། །དེ་ལ་ཉོན་
མོངས་པའི་སྙིགས་མ་ནི་སངས་རྒྱས་ཀྱི་ཞིང་འདི་ན་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་ལ་སོགས་པ་མང་ཞིང་ཆེར་འབྱུང་སྟེ། ཆུང་ངུ་ནི་མ་ཡིན་ནོ། །དེ་ལྟ་བས་ན་མི་དགེ་བ་བཅུའི་ལས་ཀྱི་ལམ་དང་། དེ་ལས་གཞན་པའི་སྡིག་པ་ཤིན་ཏུ་མང་པོ་རྣམས་ཀྱང་སྤྱོད་དེ། དེའི་