Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 44-45Folio 19Volume 37
Vol. 37F. 19aUT4CZ5369-I1KG9163-0000/side/37
བས་རྗེས་སུ་བསྙག་པ་དང་། ཕྱིར་ཕྱོགས་པ་མི་མངའ་བར་དུས་ཚད་མེད་པ་དང་། ཉི་མ་གཅིག་དང་། ཡུད་ཙམ་གཅིག་གི་དུས་དང་སྔ་དྲོ་ནས་ཉི་མ་ཕྱེད་ཀྱི་དུས་དང་། ཕྱི་དྲོ་ནས་སྔ་དྲོའི་དུས་དང་། ཉི་མ་གུང་ནས་ཕྱི་དྲོའི་དུས་
དང་། ཉི་མ་བགྲངས་པའི་དུས་དང་། ཉི་མ་བདུན་དང་། ཟླ་བ་ཕྱེད་ཀྱི་དུས་དང་། ཟླ་བ་དང་། ལོ་དང་། ལོ་བརྒྱའི་དུས་དང་བསྐལ་པ་གཅིག་གི་དུས་དང་། ཚད་མེད་གྲངས་མེད་པ་བསམ་གྱིས་མི་ཁྱབ་པའི་དུས་ནས། ཕྱི་མའི་མཐའི་མུར་ཐུག་
པའི་དུས་སུ་ཆོས་བསྟན་པ་དང་། ཆོས་ཀྱི་འཁོར་ལོ་ཐོགས་པ་མེད་ཅིང་ཕྱིར་མི་ལྡོག །རྒྱུན་ཆད་པར་མི་འགྱུར། བྲལ་བར་མི་འགྱུར། བར་ཆད་པར་མི་འགྱུར། མེད་པར་མི་འགྱུར། འཇིག་པར་མི་འགྱུར། གཡོ་བར་མི་འགྱུར། རིང་དུ་མི་
འགྱུར། འཁོར་དེ་ན་གནས་པ་ཉིད་དུ་ཡང་རྒྱུན་ཆད་པར་མི་འགྱུར་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་མཁས་པ་བདུན་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དུ་རྟག་
ཏུ་དུས་ལ་བབ་པར་བཞུགས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་འཇིགས་པ་ཚད་མེད་པ་མངའ་བའོ། །སོ་སོ་ཡང་དག་པར་རིག་པ་གྲངས་མེད་པ་མངའ་བའོ། །སོ་སོ་ཡང་དག་པར་རིག་པ་ཚད་མེད་པ་མངའ་བའོ། །སོ་སོ་ཡང་
དག་པར་རིག་པ་ཟད་མི་ཤེས་པ་མངའ་བའོ། །སོ་སོ་ཡང་དག་པར་རིག་པ་ཐོགས་པ་མེད་པ་མངའ་བའོ། །སོ་སོ་ཡང་དག་པར་རིག་པ་མཐའ་ཡས་པ་མངའ་བའོ། །ཐུན་མོང་མ་ཡིན་པའི་སོ་སོ་ཡང་དག་པར་རིག་པ་མངའ་བའོ། །སོ་སོ་
ཡང་དག་པར་རིག་པ་མཐར་ཐུག་པ་མེད་པ་མངའ་བའོ། །སོ་སོ་ཡང་དག་པར་རིག་པ་དེ་ཁོ་ན་དང་ལྡན་པ་མངའ་བའོ། །སོ་སོ་ཡང་དག་པར་རིག་པ་ཚིག་གི་ཚུལ་ཐམས་ཅད་རབ་ཏུ་རྟོགས་པ་མངའ་བའོ། །ཆོས་ཐམས་ཅད་
Vol. 37F. 19bUT4CZ5369-I1KG9163-0000/side/38
སོ་སོ་ཡང་དག་པར་རིག་པ་མངའ་བའོ། །བསམ་པ་དང་མོས་པ་དང་། དབང་པོ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་ཚུལ་དང་རྣམ་གྲངས་ཚུལ་ཇི་ལྟར་རྣམ་པར་བཀོད་པ་བཞིན་དུ་ས་མཚམས་མེད་པར་སྟོན་ཏེ། མདོ་སྡེ་བྱེ་བ་ཁྲག་ཁྲིག་བརྗོད་དུ་མེད་པའི་ཡང་
བརྗོད་དུ་མེད་པ་རྣམས་མདོ་སྡེ་དེ་དང་དེ་ལ་ཐོག་མ་དང་ཐ་མ་དང་དབུས་ཀྱི་ཚུལ་གྱིས་ཡང་དག་པར་སྟོན་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་མཁས་པ་བརྒྱད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མིང་མེད་ཀྱང་མྱིང་དང་རིགས་སུ་
འབྱུང་བའི་ཆོས་ཐམས་ཅད་ཚིག་དང་ཡི་གེས་ཤིན་ཏུ་དབྱངས་པའི་དབྱིངས་མངོན་པར་སངས་རྒྱས་པ་སྟེ། མྱིང་འདས་པ་མ་ཡིན་པ་དང་། མྱིང་མ་འོངས་པ་མ་ཡིན་པ་དང་། མྱིང་ད་ལྟར་བྱུང་བ་མ་ཡིན་པ་དང་། མྱིང་སེམས་ཅན་མ་ཡིན་པ་དང་། མྱིང་
ཞིང་མ་ཡིན་པ་དང་། མྱིང་ཆོས་མ་ཡིན་པ་དང་། མིང་ཡོན་ཏན་མ་ཡིན་པ་དང་། མྱིང་བྱང་ཆུབ་སེམས་དཔའ་མ་ཡིན་པ་དང་། མྱིང་སངས་རྒྱས་མ་ཡིན་པ་དང་། མྱིང་གྲངས་མ་ཡིན་པ་དང་། མྱིང་གྲངས་མེད་པ་མ་ཡིན་པ་དང་། མྱིང་སྐྱེ་བ་
མ་ཡིན་པ་དང་། མྱིང་འགག་པ་མ་ཡིན་པ་དང་། མྱིང་མྱེད་པ་མ་ཡིན་པ་དང་། མྱིང་ཡོད་པ་མ་ཡིན་པ་དང་། མྱིང་གཅིག་པ་མ་ཡིན་པ་དང་། མྱིང་ཐ་དད་པ་མ་ཡིན་པ་དང་། མྱིང་ཐམས་ཅད་མ་ཡིན་པ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་
བརྗོད་དུ་མེད་པ་དང་། ཕྱོགས་མེད་པ་དང་། བརྡ་མེད་པ་དང་། ཚིག་གི་ལམ་མེད་པ། སྒྲ་དང་བྲལ་བ་དང་། སྒྲའི་རྣམ་པ་ཐམས་ཅད་མི་འབྱུང་བ། ཡོངས་སུ་བསྒྲུབས་པ་མེད་པ། བྱས་པ་དང་རྣམ་པར་བྱས་པ་མེད་པ་རྣམ་པ་གཅིག་མ་ཡིན་
པ། རྣམ་པ་མང་པོ་མ་ཡིན་པ་ཡང་ཐུགས་སུ་ཆུད་ལ། བརྗོད་པ་དང་སྤྱོད་པ་ཐམས་ཅད་ལ་ཡང་ཕ་རོལ་ཏུ་ཕྱིན་པའི་མཆོག་བརྙེས་པ་དག་སྟེ། རྣམ་པར་རྟོག་པའི་ཡུལ་མི་མངའ་བདག་གོ །མངོན་པར་འདུ་མཛད་པ་མེད་པ་ལ་རབ་ཏུ་བརྩོན་པ་དག་གོ །
Vol. 38F. 19aUT4CZ5369-I1KG9164-0000/side/37
འཁོར་ཐོགས་པ་མྱེད་པའི་རྒྱན་ཅེས་བྱ་བ་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་ཡོན་ཏན་རིན་པོ་ཆེ་ཚད་མྱེད་པའི་འབྱུང་གནས་སུ་གྱུར་པ། སངས་རྒྱས་ཀྱི་སྐུ་རྒྱ་མཚོ་དང་། ཐ་མྱི་དད་པ་ལ་ཞུགས་པ། ཐ་མྱི་དད་པའི་
ཆོས་ཀྱི་སྤྲིན་གྱི་ཆར་ཡང་དག་པར་འཛིན་པ། ཐ་མྱི་དད་པའི་ཡོན་ཏན་རྒྱ་མཚོ་ལ་ཞུགས་པ། ཀུན་ཏུ་བཟང་པོའི་སྤྱོད་པའི་དྲ་བ་རྣམ་པར་རྒྱས་པར་གྱུར་པ། ཏིང་ངེ་འཛིན་ཐ་མྱི་དད་པའི་ཡུལ་ལ་ཞུགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཐ་མྱི་དད་པས་དགེ་བའི་རྩ་བ་
རྒྱུན་གཅིག་ཏུ་གྱུར་པ། དེ་བཞིན་གཤེགས་པ་ཐམས་ཅད་དང་ཐ་མྱི་དད་ཅིང་རྣམ་པར་མྱི་རྟོག་པར་སྤྱོད་པ། དུས་གསུམ་ཐ་མྱི་དད་པས་མཉམ་པ་ཉིད་ལ་ཞུགས་པ། བསྐལ་པ་ཐམས་ཅད་ཐ་མྱི་དད་པར་ཡོངས་སུ་གནས་པས་མྱི་སྐྱོ་བ། ཀུན་ཏུ་ལྟ་བ་ཐ་མྱི་དད་པའི་ཡུལ་
གྱི་ས་ལ་གནས་པ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་ཡུལ་སྦའི་རྩ་བ་ཞེས་བ་བ་ཡོད་དེ། དེའི་གྲོང་ཁྱེར་ཀུན་ནས་སྒོ་ཞེས་བྱ་བ་ན། ཚོང་དཔོན་སྤོས་འཚོང་ཀུན་ཏུ་ལྟ་བ་ཞེས་བྱ་བ་འདུག་
གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ཀྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་
འཚལ་ཏེ། ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ཀྱི་དྲུང་ནས་སོང་ངོ་།། །།སངས་རྒྱས་རྨད་གཅད་
ཅེས་བྱ་བ་ཤིན་ཏུ་རྒྱས་ཆེན་པོའི་མདོ། །བམ་པོ་གཉིས་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་སངས་རྒྱས་མཐའ་ཡས་པ་མཐོང་བ་ལ་ཞུགས་པ། བྱང་ཆུབ་སེམས་དཔའ་མཐའ་ཡས་པ་དང་འགྲོགས་པ་རབ་ཏུ་ཐོབ་པ། བྱང་ཆུབ་སེམས་དཔའི་
Vol. 38F. 19bUT4CZ5369-I1KG9164-0000/side/38
ལམ་མཐའ་ཡས་པའི་ཚུལ་གྱིས་སྣང་བར་གྱུར་བ། ཆོས་ཀྱི་ཚུལ་མཐའ་ཡས་པས་མངོན་པར་བརླན་པས་ཤིན་ཏུ་རྟོགས་པའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའི་མོས་པ་མཐའ་ཡས་པའི་ལམ་གྱིས་རྣམ་པར་དག་པ། བྱང་ཆུབ་སེམས་དཔའི་དབང་པོ་
མཐའ་ཡས་པའི་སྣང་བ་རབ་ཏུ་ཐོབ་པ། བྱང་ཆུབ་སེམས་དཔའི་བསམ་པ་མཐའ་ཡས་པའི་སྟོབས་ལ་གནས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་ཡས་བའི་རྗེས་སུ་སོང་བའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའི་སྨོན་ལམ་མཐའ་ཡས་པའི་སྟོབས་
ཡོངས་སུ་སྐྱེས་པ། བྱང་ཆུབ་སེམས་དཔའ་གཞན་གྱིས་ཐུབ་པ་མྱེད་པ། མཐའ་ཡས་བའི་རྒྱལ་མཚན་ཅན། བྱང་ཆུབ་སེམས་དཔའི་ཡེ་ཤེས་སྣང་བ་མཐའ་ཡས་པའི་རྒྱུད་དང་ལྡན་པ། བྱང་ཆུབ་སེམས་དཔའི་ཆོས་མཐའ་ཡས་པའི་སྣང་བ་རབ་ཏུ་ཐོབ་པ་དེ་
མཐར་གྱིས་ཡུལ་སྦའི་རྩ་བ་གང་ན་བ་དེར་ཕྱིན་ནས། གྲོང་ཁྱེར་ཀུན་ནས་སྒོ་ཡོངས་སུ་ཚོལ་ཞིང་ཕྱོགས་དང་། ཕྱོགས་མཚམས་དང་། ཡུལ་ཕྱོགས་ཉེན་ཀོར་ཀུན་དང་། སྒང་དང་གཤོང་དང་། མཉམ་པ་དང་མྱི་མཉམ་པ་ཐམས་ཅད་དུ་ཡོངས་སུ་སྐྱོ་བ་མྱེད་པའི་
བསམ་པ་དང་། འཇིགས་པ་མྱེད་པའི་སེམས་དང་། ལྡོག་པ་མྱེད་པའི་བརྩོན་འགྲུས་དང་། ཐུབ་པ་མྱེད་པའི་སེམས་ཀྱིས། དགེ་བའི་བཤེས་གཉེན་གྱི་གདམས་ངག་མ་བརྗེད་པ་དང་། རྟག་ཏུ་དགེ་བའི་བཤེས་གཉེན་གྱི་སྤྱོད་པ་མ་ནོར་བས་སེམས་རབ་ཏུ་
བསྒོས་པ་དང་། སྒོ་ཀུན་ནས་རྣམ་པར་དམྱིགས་པའི་དབང་པོ་དང་ལྡན་པ་དང་། བག་མྱེད་པ་ཐམས་ཅད་དང་བྲལ་བ་དང་། མྱིག་དང་རྣ་བ་གཡེང་བ་མྱེད་པར་ཀུན་ཏུ་ཚོལ་ཚོལ་ནས་ཡུལ་སྤའི་རྩ་བའི་དབུས་ཤིག་ན། གྲོང་ཁྱེར་ཀུན་ནས་སྒོ་ཚོང་འདུས་ཀྱི་རྡལ་
སྟོང་ཕྲག་བཅུའི་གནས་སུ་གྱུར་པ། དེ་ཤིན་ཏུ་བཟང་པོར་གྲུབ་པ། རབ་བརྟན་པས་བསྐོར་བ། ཤིན་ཏུ་མཐོ་བ་བཞི་མདོ་བརྒྱད་ཀྱིས་བརྒྱན་པ་འདུག་པར་མཐོང་སྟེ། དེའི་ནང་ན་སྤོས་འཚོང་ཀུན་ཏུ་ལྟ་བ་ཡང་སྤོས་འཚོང་གི་ཁྱམས་ཤིག་ན་འདུག་པ་མཐོང་