Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽

Toh 56Folio 224Volume 40
Vol. 40F. 224aUT4CZ5369-I1KG9166-0000/side/447
སེམས་བསྐྱེད་དེ། །ཐལ་མོ་སྦྱར་ནས་འདི་སྐད་དུ། །གལ་ཏེ་བྲམ་ཟེའི་ཁྱེའུ་འདི་ནི། །མངོན་པར་རྫོགས་པར་སངས་རྒྱས་ཚེ། །བདག་ནི་དེ་ཡི་གྲོགས་གྱུར་ནས། །མྱ་ངན་འདས་པའི་འོག་ཏུ་ཡང་། །ཆོས་ཀྱི་སྡེ་སྣོད་རབ་འཛིན་ཅིང་། །སྲུང་བར་ཤོག་ཅེས་སྨོན་ལམ་བཏབ། །སངས་རྒྱས་མར་མེ་མཛད་དེ་ཡིས། །འོད་ཟེར་ སྟོན་པའི་མདོ་འདི་ནི། །ཇི་སྐད་གསུངས་བཞིན་དེ་ཡི་ཚེ། །བྲམ་ཟེའི་ཁྱེའུ་དང་གཞོན་ནུ་གཉིས། །ལེགས་པར་མཉན་ཅིང་ཡོངས་སུ་བཟུང་། །ང་སྔོན་འདས་པའི་དུས་ཀྱི་ཚེ། །མེ་ཏོག་ཨུད་པ་ལ་དག་གིས། །སངས་རྒྱས་དེ་ལ་མཆོད་པ་བྱས། །དེ་ཚེ་ཁྱོད་ཀྱང་དེར་འདུག་སྟེ། །འདི་སྐད་དུ་ནི་སྨོན་ལམ་བཏབ། །ང་ཡི་བསྟན་ པ་ཐ་མ་ལ། །མདོ་སྡེ་འདི་ནི་རབ་བཟུང་ནས། །རྒྱ་ཆེར་སྟོན་པར་ཤོག་ཅེས་སྨྲས། །གང་གིས་ཆོས་འདི་ཐོས་གྱུར་ནས། །ཞེ་སྡང་སེམས་ནི་མི་སྐྱེད་པར། །གཟུང་འཛིན་ཀློག་ཅིང་གང་འདོན་པ། །དེ་ནི་སྐྱེས་བུ་དམ་པ་ཡིན། །ཁྱོད་ཀྱིས་མ་འོངས་དུས་ཀྱི་ཚེ། །ཐོས་དཀའི་ཆོས་འདི་རབ་བཟུང་ནས། །སེམས་ཅན་དག་ལ་དོན་གྱི་ཚུལ། ། རྒྱ་ཆེར་དབྱེ་ཞིང་བསྟན་པར་བྱ། །ངས་ཀྱང་འདས་པའི་དུས་ཀྱི་ཚེ། །ཡང་དག་ཆོས་ནི་ནུབ་པ་ན། །འོད་ཟེར་སྟོན་པའི་མདོ་འདི་ནི། །སེམས་ཅན་དག་ལ་རྒྱ་ཆེར་བསྟན། །བླུན་པོས་ནན་ཏན་མི་སྒྲུབ་པས། །འདི་ལ་སྐུར་བ་འདེབས་པར་བྱེད། །ངས་ནི་དེ་སྐད་ཐོས་གྱུར་ཀྱང་། །ཞེ་སྡང་དག་ནི་སྐྱེད་མི་བྱེད། །ངས་ནི་རྟག་ཏུ་ བཟོད་བསྒོམས་ནས། །འཇིག་རྟེན་རྣམས་ལ་ཕན་འདོགས་བྱེད། །བཟོད་པའི་སྟོབས་ནི་རྫོགས་པས་ན། །མཚན་དང་དཔེ་བྱད་དག་གིས་བརྒྱན། །གཞོན་ནུ་ཁྱོད་ཀྱིས་སངས་རྒྱས་སྐུ། །གྱ་ནོམ་ཡོངས་སུ་རྫོགས་གྱུར་ཅིང་། །གསེར་གྱི་ཁ་དོག་རྣམ་དག་འཕགས། །བཟོད་པའི་སྟོབས་ལས་བྱུང་བར་ལྟོས། །ང་ཡི་ཞབས་ནི་ ས་རེག་ནས། །ཞིང་ནི་ཚད་མེད་གཡོ་བྱེད་ཀྱང་། །སེམས་ཅན་རྣམས་ནི་མི་ལྟུང་བ། །ཐམས་ཅད་བཟོད་པའི་སྟོབས་ལས་སྐྱེས། །ང་ཡི་སྤུ་ཁུང་གཅིག་ནས་ནི། །འོད་ཟེར་བརྒྱ་སྟོང་རབ་བཀྱེ་ནས། །ཐམས་ཅད་གསལ་བར་གང་བྱེད་པ། །ཐམས་ཅད་བཟོད་མཆོག་སྟོབས་ལས་བྱུང་། །སྲིན་པོ་བཞིན་དུ་འཇིགས་པའི་གཟུགས། ། སྲོག་ཆགས་གཟི་བྱིན་འཕྲོག་བྱེད་པ། །ང་ལ་རྟག་ཏུ་གུས་པ་ཡང་། །ཐམས་ཅད་བཟོད་མཆོག་སྟོབས་ལས་བྱུང་། །ང་ཡི་འཁོར་ནི་ཇི་སྙེད་པ། །སེམས་ནི་རབ་ཏུ་དུལ་གྱུར་ནས། །དེ་བཞིན་གཤེགས་ལ་གུས་པ་ཡང་། །ཐམས་ཅད་བཟོད་མཆོག་སྟོབས་ལས་བྱུང་། །རོལ་མོའི་སྒྲ་ནི་བརྒྱ་སྟོང་དག །འཁོར་འདུས་ཆེན་པོའི་ནང་དག་ཏུ། །
Vol. 40F. 224bUT4CZ5369-I1KG9166-0000/side/448
སངས་རྒྱས་ཡོན་ཏན་བསྔགས་བརྗོད་པ། །ཐམས་ཅད་བཟོད་མཆོག་སྟོབས་ལས་བྱུང་། །ཀླུ་ཡི་རྒྱལ་པོ་བརྒྱ་སྟོང་དག །རབ་ཏུ་གདུག་ཅིང་འཇིགས་རུང་བ། །སངས་རྒྱས་མཐོང་ན་དགའ་བ་ཡང་། །ཐམས་ཅད་བཟོད་མཆོག་སྟོབས་ལས་བྱུང་། །སྲིན་པོ་གནོད་སྦྱིན་ལ་སོགས་པས། །མེ་ཏོག་ཕྲེང་བ་བརྒྱ་སྟོང་ཐོགས། །འོངས་ནས་ང་ལ་ མཆོད་བྱེད་པ། །ཐམས་ཅད་བཟོད་མཆོག་སྟོབས་ལས་བྱུང་། །ཞིང་ནི་བརྒྱ་སྟོང་ཚད་མེད་པར། །བཞུགས་པའི་དེ་བཞིན་གཤེགས་པ་རྣམས། །ང་ཡི་ཡོན་ཏན་བསྔགས་པ་ཡང་། །ཐམས་ཅད་བཟོད་མཆོག་སྟོབས་ལས་བྱུང་། །ལྟོ་འཕྱེ་དང་ནི་ལུས་སྲུལ་པོ། །བརྒྱ་སྟོང་དག་ནི་འདུས་གྱུར་ནས། །མེ་ཏོག་གཏོར་ནས་ ང་མཆོད་པ། །ཐམས་ཅད་བཟོད་མཆོག་སྟོབས་ལས་བྱུང་། །གནོད་སྦྱིན་རྒྱལ་པོ་ལ་སོགས་པ། །བྱེ་བ་བརྒྱ་ཕྲག་དྲུག་ཅུ་རྣམས། །འོངས་ནས་ང་ལ་གང་མཆོད་པ། །ཐམས་ཅད་བཟོད་མཆོག་སྟོབས་ལས་བྱུང་། །གཞན་ཡང་ཀླུ་ཡི་རྒྱལ་པོ་ནི། །མ་ན་བ་ག་ལ་སོགས་པས། །མུ་ཏིག་དམར་པོས་ང་མཆོད་པ། །ཐམས་ཅད་བཟོད་ མཆོག་སྟོབས་ལས་བྱུང་། །དུ་མུ་རུ་དང་ཤི་ཁྱི་བའི། །བརྒྱ་སྟོང་སྙེད་ནི་འདུས་གྱུར་ནས། །རོལ་མོ་དག་གིས་ང་མཆོད་པ། །ཐམས་ཅད་བཟོད་མཆོག་སྟོབས་ལས་བྱུང་། །ལྟོ་འཕྱེ་དང་ནི་ལུས་སྲུལ་པོ། །བརྒྱ་སྟོང་སྙེད་ནི་འདུས་གྱུར་ནས། །མེ་ཏོག་སྤོས་ཀྱིས་ང་མཆོད་པ། །ཐམས་ཅད་བཟོད་མཆོག་སྟོབས་ལས་བྱུང་། །ས་ཆེན་འཛིན་པ་ཀླུ་ཡི་ རྒྱལ། །ལུས་ཕྱེད་དག་ནི་རབ་བསྟན་ནས། །ཐལ་སྦྱར་ང་ལ་གུས་པ་ཡང་། །ཐམས་ཅད་བཟོད་མཆོག་སྟོབས་ལས་བྱུང་། །ལུས་མེད་སྒྲ་གཅན་ཟིན་ལ་སོགས། །བྱེ་བ་ཕྲག་ནི་བརྒྱ་སྟོང་རྣམས། །དང་བའི་སེམས་ཀྱིས་ང་མཆོད་པ། །ཐམས་ཅད་བཟོད་མཆོག་སྟོབས་ལས་བྱུང་། །གཞོན་ནུ་ཁྱོད་ཀྱིས་འདི་ལྟར་ལྟོས། །སངས་རྒྱས་འོད་ཟེར་གང་ རེག་པ། །སྡུག་བསྔལ་བྲལ་ནས་བདེ་ཐོབ་པ། །ཐམས་ཅད་བཟོད་མཆོག་སྟོབས་ལས་བྱུང་། །ས་མུ་ཏ་དང་རླུང་གི་ལྷ། །བརྒྱ་སྟོང་ནམ་མཁའ་གང་བར་ནི། །སྤོས་ཀྱི་ཆར་ཕབ་ང་མཆོད་པ། །ཐམས་ཅད་བཟོད་མཆོག་སྟོབས་ལས་བྱུང་། །ལྷ་ཡི་འཁོར་ནི་བརྒྱ་སྟོང་དག །ལྷ་ཡི་མེ་ཏོག་གཏོར་མཆོད་དེ། །སྲེད་སྤངས་སངས་རྒྱས་སྟེན་བྱེད་པ། །ཐམས་ཅད་ བཟོད་མཆོག་སྟོབས་ལས་བྱུང་། །ཁྱེད་ཀྱིས་སངས་རྒྱས་རྫུ་འཕྲུལ་དང་། །སྦྱིན་དང་ཚུལ་ཁྲིམས་སྒྲ་བསྒྲགས་ནས། །ཐམས་ཅད་ཀུན་དུ་ཐོས་མཛད་པ། །བཟོད་མཆོག་སྟོབས་ལས་བྱུང་བར་ལྟོས། །ཕུང་པོ་ཁམས་ཀྱི་སྒྲ་དག་དང་། །བདེན་པ་བཞི་ཡི་སྒྲ་དག་གིས། །ཐམས་ཅད་ཀུན་ནི་གོ་མཛད་པ། །ཐམས་ཅད་བཟོད་མཆོག་སྟོབས་ལས་བྱུང་། །ང་ཡི་རྫུ་
Vol. 41F. 224aUT4CZ5369-I1KG9167-0000/side/449
བསྔལ་ཡིན་ནོ། །རྒ་བ་ཡང་སྡུག་བསྔལ་ཡིན་ནོ། །ན་བ་ཡང་སྡུག་བསྔལ་ཡིན་ནོ། །འཆི་བ་ཡང་སྡུག་བསྔལ་ཡིན་ནོ། །སྡུག་པ་དང་བྲལ་བ་ཡང་སྡུག་བསྔལ་ཡིན་ནོ། །མི་སྡུག་པ་དང་ཕྲད་པ་ཡང་སྡུག་བསྔལ་ཡིན་ནོ། །གང་འདོད་པ་ བཙལ་ཏེ་མ་རྙེད་པ་ཡང་སྡུག་བསྔལ་ཡིན་ནོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ཡང་སྡུག་བསྔལ་ཡིན་ནོ། །འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བའི་སྤྱོད་ལམ་བཞི་པོ་དག་ཀྱང་སྡུག་བསྔལ་ཡིན་པས། གལ་ཏེ་རྟག་ཏུ་འགྲོ་ཞིང་འགྲེང་བ་དང་། འདུག་པ་དང་། ཉལ་བར་མ་གྱུར་ན་ཡང་སྡུག་བསྔལ་མྱོང་ཞིང་བདེ་བ་མེད་པར་འགྱུར་རོ། །གལ་ཏེ་རྟག་ཏུ་འགྲེང་ཞིང་འགྲོ་བ་དང་། འདུག་པ་དང་། ཉལ་བར་གྱུར་ཏམ། གལ་ཏེ་རྟག་ཏུ་འདུག་ལ་འགྲོ་བ་དང་། འགྲེང་བ་དང་། ཉལ་བར་མ་གྱུར་ཏམ། གལ་ཏེ་རྟག་ཏུ་ཉལ་ལ་འགྲོ་བ་དང་། འགྲེང་བ་དང་། འདུག་པར་མ་གྱུར་ན་ཡང་ཐམས་ཅད་སྡུག་བསྔལ་མི་བཟད་པ་མྱོང་ཞིང་བདེ་བ་ཐོབ་པར་མི་འགྱུར་བས་དགའ་བོ་འདི་དག་ཐམས་ཅད་སྡུག་བསྔལ་མ་སྤངས་པས་སྡུག་བསྔལ་ཡོངས་སུ་གཉེར་བར་བྱེད་པ་ཡིན་པས་སྡུག་བསྔལ་ཁོ་ན་སྐྱེ་ཞིང་། སྡུག་བསྔལ་ཁོ་ན་འགག་ པར་འགྱུར་བས་འདུ་བྱེད་རྣམས་ཀྱི་རྒྱུ་དང་རྐྱེན་རྒྱུན་ཆད་པ་མེད་པ་འབྱུང་བར་འགྱུར་ཏེ། དེ་བཞིན་གཤེགས་པས་འདི་དག་ཐུགས་སུ་ཆུད་པའི་ཕྱིར་སེམས་ཅན་རྣམས་ཀྱི་འཁོར་བའི་ཆོས་འདུ་བྱེད་པ་རྣམས་མི་རྟག་ཅིང་ཡང་དག་པའི་མཐར་ཕྱིན་པ་མ་ཡིན་པ། རྣམ་པར་འགྱུར་བའི་ཆོས་ ཅན་ཡིད་བརྟན་དུ་མི་རུང་བ་ཡིན་པས་ཆོག་ཤེས་པ་ཡོངས་སུ་བཙལ་ནས་ཤིན་ཏུ་སྐྱོ་བ་བསྐྱེད་དེ། ནན་ཏན་བརྩོན་འགྲུས་ཀྱིས་རྣམ་པར་གྲོལ་བ་ཡོངས་སུ་གཉེར་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དགའ་བོ་བདེ་འགྲོར་སྐྱེས་པའི་སེམས་ཅན་ཡང་སྐྱེ་གནས་མི་གཙང་བདག་ཏུ་སྡུག་ བསྔལ་མི་བཟད་པ། ཡང་དག་པ་མ་ཡིན་པ། རྣམ་པ་སྣ་ཚོགས་མྱོང་བ་ཡང་བརྗོད་ཀྱིས་མི་རྫོགས་ན་ངན་སོང་གསུམ་པོ་ཡི་དགས་དང་། དུད་འགྲོ་དང་། སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཀྱིས་མྱོང་བར་གྱུར་པའི་སྡུག་བསྔལ་མི་བཟད་པ་བཟོད་པར་དཀའ་བ་ཡོངས་
Vol. 41F. 224bUT4CZ5369-I1KG9167-0000/side/450
སུ་རྫོགས་པར་བརྗོད་པ་ལྟ་སྨོས་ཀྱང་ཅི་དགོས།། །།བམ་པོ་གསུམ་པ་སྟེ་ཐ་མ། །གཞན་ཡང་དགའ་བོ་མའི་མངལ་དུ་འཇུག་པ་རྣམ་པ་བཞི་ཡོད་དེ། བཞི་གང་ཞེ་ན། སེམས་ཅན་ཁ་ཅིག་ནི་ཡང་དག་པར་ཤེས་བཞིན་དུ་འཇུག །ཡང་དག་པར་ཤེས་ བཞིན་དུ་གནས། ཡང་དག་པར་ཤེས་བཞིན་དུ་འབྱུང་བ་ཡང་ཡོད། ཁ་ཅིག་ནི་ཡང་དག་པར་ཤེས་བཞིན་དུ་འཇུག །ཡང་དག་པར་ཤེས་བཞིན་དུ་གནས་ལ་ཡང་དག་པར་མི་ཤེས་བཞིན་དུ་འབྱུང་བ་ཡང་ཡོད། ཁ་ཅིག་ནི་ཡང་དག་པར་ཤེས་བཞིན་དུ་འཇུག་ལ་ཡང་དག་པར་ མི་ཤེས་བཞིན་དུ་གནས་ཤིང་ཡང་དག་པར་མི་ཤེས་བཞིན་དུ་འབྱུང་བ་ཡང་ཡོད། ཁ་ཅིག་ནི་ཡང་དག་པར་མི་ཤེས་བཞིན་དུ་འཇུག །ཡང་དག་པར་མི་ཤེས་བཞིན་དུ་གནས། ཡང་དག་པར་མི་ཤེས་བཞིན་དུ་འབྱུང་བ་ཡང་ཡོད་དོ། །དེ་ལ་སུ་ཞིག་ཡང་དག་པར་ཤེས་བཞིན་དུ་ འཇུག་པ་དང་། གནས་པ་དང་། འབྱུང་བར་འགྱུར་ཞེ་ན། འདི་ལྟར་འདི་ནི་སོ་སོའི་སྐྱེ་བོའི་སེམས་ཅན་ཁ་ཅིག་རང་བཞིན་གྱིས་ཚུལ་ཁྲིམས་བསྲུང་བ་ལ་དགའ་ཞིང་ཡང་ནས་ཡང་དུ་དགེ་བའི་ཕྱོགས་ལ་གོམས་པར་བྱེད་པ་དང་། དངོས་པོ་མཆོག་ལ་མོས་ཤིང་བསོད་ནམས་རྣམས་ མངོན་པར་འདུ་བྱེད་པ་དང་། ཤིན་ཏུ་ཡང་དག་པར་སྡོམ་པ་དང་། རྟག་པར་དྲང་པོར་སེམས་ཤིང་བག་མེད་པར་མི་བྱེད་པ་དང་། ཤེས་རབ་ཆེན་པོ་དང་ལྡན་པས་འཆི་ཀའི་དུས་ཀྱི་ཚེ་འགྱོད་པ་མེད་པར་སྐྱེ་བ་ཡང་དག་པར་ལེན་པར་བྱེད་པ་རྒྱུན་དུ་ཞུགས་པ་སྐྱེ་བ་ལན་བདུན་པའམ། རིགས་ནས་རིགས་སུ་སྐྱེ་བའམ། ལན་ཅིག་ཕྱིར་འོང་བའམ། བར་ཆད་གཅིག་པ་དག་ཡིན་ཏེ། གང་ཟག་དེ་དག་གིས་སྔར་དགེ་བ་སྤྱད་པའི་ཕྱིར་འཆི་ཀའི་དུས་ཀྱི་ཚེ་སྡུག་བསྔལ་ཉེ་བར་འོངས་ཤིང་ན་བ་དང་། ཚ་བ་ཉམས་སུ་མྱོང་བར་གྱུར་ཀྱང་སེམས་ལ་གཡེང་བ་མེད་ པར་ཡང་དག་པར་དྲན་བཞིན་དུ་འཆི་བའི་དུས་བྱས་ཏེ། ཡང་དག་པར་དྲན་བཞིན་དུ་མའི་མངལ་དུ་ཞུགས་ནས་ཆོས་རྣམས་ལས་ཀྱི་དབང་གིས་སྐྱེ་བ་དང་། ཐམས་ཅད་རྒྱུ་དང་རྐྱེན་ལས་སྐྱེ་བར་འགྱུར་བས་རྟག་ཏུ་བདུད་ཀྱི་གནས་བྱས་པར་གྱུར་ཏོ། །ཞེས་རབ་ཏུ་ཤེས་སོ། །